迷失的自我 ང་ཡིས་ང་ནི་བོར་སྟོར་བྱོང་། ཚིག་་ནག་པོ། དབྱངས་ཚེ་རིང་མགོན་པོ། ལེན་མཁན་གོང་པ་བདེ་ལེགས་ནོ་བུ། ࿄࿄࿄ ང་ཡིས་མི་རྟག་དྲན་མགོར་གསུང་མྱོང་། གཡུ་ཡི་མཚོ་ནི་བྲུག་སེ་བྲུག། ང་ཡིས་མཛེས་པའི་བུ་མོ་འཁྱུད་མྱོང་། དྲན་པའི་རི་ནི་ཡོམ་སེ་ཡོམ། ང་ཡིས་ནམ་མཁའི་སྐར་རྒྱན་བཏུས་མྱོང་། བརྩེ་བའི་བུ་ནི་ལྡེམ་སེ་ལྡེམ། ང་ཡེས་ང་ནི་བོར་སྟོང་བྱུང་། ࿄࿄࿄ ང་ཡིས་སྒང་གི་མེ་ཏོག་བཏོགས་མྱོང་། སྣང་བའི་འཇའ་ཚོན་འཁྱུག་སེ་འཁྱུག། ང་ཡིས་ལམ་གྱི་ལྟོགས་སྐོམ་མྱངས་མྱོང་། ངལ་བའི་རྔུལ་ཆུ་ཁྲོམ་སེ་ཁྲོམ། ང་ཡིས་སྲོག་གི་སྙན་ངག་བྲིས་མྱོང་། རྣམ་ཤེས་ཕྲ་མོ་ཀྲིག་སེ་ཀྲིག། ང་ཡིས་ང་ནི་བོར་སྟོར་བྱུང་། ང་ཡིས་སྲོག་གི་སྙན་ངག་བྲིས་མྱོང་། རྣམ་ཤེས་ཕྲ་མོ་ཀྲིག་སེ་ཀྲིག། ང་ཡིས་ང་ནི་བོར་སྟོར་བྱུང་། RengTsing文化传媒