门隅颂 作词 : 旦增塔青 作曲 : 旦增塔青 མོན་ཡུལ་སྐྱིད་མོ་ལྗོངས། 门隅颂 词曲唱:旦增塔青 བྱིའུ་ཆུང་གསུང་སྐད་སྙན་པོ་རྣ་བའི་བུ་རམ་ཡིན། 如弦子般悠扬的鸟鸣声 མེ་ཏོག་དྲི་ཞིམ་སྣ་ཚོགས་སེམས་ཀྱི་སྦྲང་རྩི་ཡིན། 如火焰般盛开的杜鹃花 ཞིམ་མངར་སྒྲུབ་ཆུ་དྭངས་པོ་ཕོ་བའི་བདུད་རྩི་ཡིན། 如雨露般甘甜的清泉 མཐའ་བཞི་སྔོ་ལྗང་རི་བོ་མིག་གི་ལོངས་སྤྱོད་ཡིན། 还有那环绕四周的青山 དུས་བཞི་དཔྱིད་ཀྱི་དཔལ་ཡོན་བཞད་པའི་གནས་མཆོག་འདི། 四季如春的这个地方 ལྷོ་ཕྱོགས་མཚོ་སྣའི་ཡུལ་གྱི་མོན་ཡུལ་སྐྱིད་མོ་ལྗོངས། 是那遥远的门隅故乡 སུ་ཡིས་གནམ་སའི་བར་དུ་བྲིས་པའི་བདེ་བ་ཅན། 是谁在天地间画出的净地 ལྷོ་ཕྱོགས་མཚོ་སྣའི་ཡུལ་གྱི་མོན་ཡུལ་སྐྱིད་མོ་ལྗོངས། 是那遥远的门隅故乡 གངས་ལྗོངས་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་འཁྲུངས་སའི་གནས། 雪域仓央嘉措的故里 གཏམ་རྒྱུད་ངོ་མཚར་ཆེ་བའི་གནས་བཟང་སྲིན་མོ་བྲག 充满神话故事的森木扎 ལ་དང་ལུང་པ་བརྒལ་ནས་ཁྱེད་ཀྱི་ཕྱོགས་སུ་ཡོང། 让我踏着祖先的足迹 སེམས་ཀྱི་སྡུག་བསྔལ་སེལ་བའི་སྨོན་ལམ་བཅངས་ནས་ཡོང་། 触摸你温柔的脸庞 སེམས་ཀྱི་སྡུག་བསྔལ་སེལ་བའི་སྨོན་ལམ་བཅངས་ནས་ཡོང་། 触摸你温柔的脸庞 གཡུ་ཡི་མེ་ལོང་འདྲ་བའི་སྤང་གཞོང་སྔོན་མོའི་སྟེང་། 在那碧绿的草地上 ནམ་མཁའི་སྐར་ཚོགས་འདྲ་བའི་ཕྱུགས་རིགས་དཀར་ནག་ཡོད། 布满如星般的畜群 དུས་རབས་འདི་ཡི་རྙོག་འཛིང་དང་འབྲལ་བའི་ས་ཆ་འདིར། 这个远离嘈杂的静地 འཇིག་རྟེན་གཞན་ལ་མེད་པའི་སེམས་ཀྱི་ལྷིང་འཇགས་ཡོད། 是你心灵的安歇处 དུས་བཞི་དཔྱིད་ཀྱི་དཔལ་ཡོན་བཞད་པའི་གནས་མཆོག་འདི། 四季如春的这个地方 ལྷོ་ཕྱོགས་མཚོ་སྣའི་ཡུལ་གྱི་མོན་ཡུལ་སྐྱིད་མོ་ལྗོངས། 是那遥远的门隅故乡 སུ་ཡིས་གནམ་སའི་བར་དུ་བྲིས་པའི་བདེ་བ་ཅན། 是谁在天地间画出的净地 ལྷོ་ཕྱོགས་མཚོ་སྣའི་ཡུལ་གྱི་མོན་ཡུལ་སྐྱིད་མོ་ལྗོངས། 是那遥远的门隅故乡 གངས་ལྗོངས་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་འཁྲུངས་སའི་གནས། 雪域仓央嘉措的故里 གཏམ་རྒྱུད་ངོ་མཚར་ཆེ་བའི་གནས་བཟང་སྲིན་མོ་བྲག 充满神话故事的森木扎 ལ་དང་ལུང་པ་བརྒལ་ནས་ཁྱེད་ཀྱི་ཕྱོགས་སུ་ཡོང། 让我踏着祖先的足迹 སེམས་ཀྱི་སྡུག་བསྔལ་སེལ་བའི་སྨོན་ལམ་བཅངས་ནས་ཡོང་། 触摸你温柔的脸庞 སེམས་ཀྱི་སྡུག་བསྔལ་སེལ་བའི་སྨོན་ལམ་བཅངས་ནས་ཡོང་། 触摸你温柔的脸庞 སེམས་ཀྱི་སྡུག་བསྔལ་སེལ་བའི་སྨོན་ལམ་བཅངས་ནས་ཡོང་། 触摸你温柔的脸庞