吉祥酒歌 作词 : 甘珠尔大师 作曲 : 嘎子·索南加 རྟེན་འབྲེལ་ཆང་གཞས། ཚིག བཀའ་འགྱུར་རིན་པོ་ཆེ། དབྱངས། ཀ་ཙའི་བསོད་ནམས་སྐྱབས། གླུ་བ། ཀ་ཙའི་བསོད་ནམས་སྐྱབས། དབྱངས་ཅན་ཚེ་སྒྲོན། སྒ་ཡུལ་ཤུལ་གཡང་གི་མཚོ་མོ་ཡིན༎ ཁྱེད་སྐུ་མགྲོན་གསེར་བྱ་ངང་མོ་ཡིན༎ ཆང་བདུད་རྩི་ནོར་བུ་དགའ་འཁྱིལ་ཡིན༎ ཚེ་དབང་ཐང་རྒྱས་པའི་ཆང་འདི་བཞེས༎ སྒ་ཡུལ་ཤུལ་མར་གྱི་རི་བོ་ཡིན༎ ཁྱེད་སྐུ་མགྲོན་འོ་མའི་ཆབ་རྒྱུན་ཡིན༎ ནང་མཐུན་སྒྲིལ་གསེར་ཟམ་པ་ཏྲ་ཡིན༎ ལས་བསོད་ནམས་དར་བའི་ཆང་འདི་བཞེས༎ སྒ་ཡུལ་ཤུལ་ལྷ་ཡི་ཞིང་ཁམས་ཡིན༎ ཁྱེད་སྐུ་མགྲོན་ལྷ་ཕྲུག་གཞོན་ནུ་ཡིན༎ གླུ་སྙན་མོ་རྣ་བའི་བདུད་རྩི་ཡིན༎ སྐྱིད་ལོངས་སྤྱོད་འཛོམས་པའི་ཆང་འདི་བཞེས༎ སྒ་ཡུལ་ཤུལ་ནོར་གྱི་བང་མཛོད་ཡིན༎ ཁྱེད་སྐུ་མགྲོན་ནོར་བུའི་མཛེས་རྒྱན་ཡིན༎ སེམས་བསམ་པ་དར་དཀར་དྲི་མེད་ཡིན༎