仁桑拉姆~雪山姐妹花 作词 : 拉青加 作曲 : 加贝 ཨ་འགྲིག་གངས་རིའི་ལྕམ་སྲིང་། 雪山姐妹花 གཞས་ཚིག འབྲོང་ཕྲུག་ལྷ་ཆེན་རྒྱལ། 歌词:拉青加 གཞས་གདངས། འཇམ་དབྱངས་བསྟན་འཛིན། 曲:加贝 གཞས་མ། རིག་བཟང་ལྷ་མོ། 歌手:仁桑拉姆 དཀར་པོ་གངས་ལ་ལྟོས་དང་། ། 看望洁白的雪山 ཤེལ་གྱི་མཆོད་རྟེན་བཞེངས་ཡོད། ། 就像玻璃的佛塔 རྩེ་མོ་དགུང་ལ་ལྟོས་དང་། ། 再去看看雪山之顶 གངས་སེང་གཡུ་རལ་འགྱུར་མེད། ། 梦想随之飘去 ཨ་འགྲིག་གངས་ཀྱི་ལྕམ་སྲིང་། ། 雪山姐妹花 ཆ་འགྲིག་སེང་གི་ལྕམ་སྲིང་། ། 雪山姐妹花 གངས་ལྗོངས་གཡང་གི་ར་བ། ། 富裕的雪域高原 སྐྱིད་ན་འཛུམ་མདངས་བྱུང་ས། ། 这里是幸福之地 སྡུག་ན་མིག་ཆུ་འཕོ་ས། ། 这里是诉说之地 སྐྱིད་སྡུག་གཉིས་ཀ་འདི་རེད། ། 悲喜都在这里 ཆེན་པོ་སྤང་ལ་ལྟོས་དང་། ། 望去无边无际的草原 ཕྲ་ཚོམ་མེ་ཏོག་བཞད་ཡོད། ། 满地开满鲜花 སྔོན་མོ་མཚོ་ལ་ལྟོས་དང་། ། 再看看清清的湖水 དྭངས་མོའི་རང་མདངས་འགྱུར་མེད། ། 依旧清澈美丽 ཨ་འགྲིག་སྤང་གི་ལྕམ་སྲིང་། ། 雪山姐妹花 ཆ་འགྲིག་མཚོ་ཡི་ལྕམ་སྲིང་། ། 雪山姐妹花 ཕ་ཡུལ་ཕྱུགས་ཀྱི་ལུང་བ། ། 游牧之地 དགའ་ན་འཛུམ་མདངས་བྱུང་ས། ། 微笑的来源 སྐྱོ་ན་མིག་ཆུ་འཕོ་ས། ། 也是眼泪的根源 དགའ་སྐྱོ་གཉིས་ཀ་འདི་རེད། ། 悲喜都在这里 སྨུག་པོ་གདོང་ལ་ལྟོས་དང་། ། 美丽的脸庞 བྱུ་རུའི་འཛུམ་ཆུང་བཞད་ཡོད། ། 满脸微笑 གཉོམ་པོ་སེམས་ལ་ལྟོས་དང་། ། 在探探温柔的心情 འདང་བརྩེའི་མདུད་པ་འགྱུར་མེད། ། 情感依旧没变 ཨ་འགྲིག་བྱུ་རུའི་ལྕམ་སྲིང་། ། 雪山姐妹花 ཆ་འགྲིག་གཡུ་ཡི་ལྕམ་སྲིང་། ། 雪山姐妹花 རང་སེམས་གོར་མའི་གདགས་སྲིབ། ། 雪山姐妹花 འཛོམས་ན་འཛུམ་མདངས་བྱུང་ས། ། 欢聚而微笑 གྱེས་ན་མིག་ཆུ་འཕོ་ས། ། 离别而悲伤 གྱེས་འཛོམས་གཉིས་ཀ་འདི་རེད། ། 悲欢离合都在