邀您观赏卓舞 ­­༼ སྒོར་གཞས། ༽ ཚིག དམངས་གཞས། གདངས། པདྨ་དབང་འདུས། གཞས་གཏོང་མཁན། པདྨ་ལྷ་མོ། བསམ་ཡས་བྱེ་མའི་ལྷ་ཁང་། གང་གི་ལོ་ལ་བཞེངས་ཡོད། བསམ་ཡས་བྱེ་མའི་ལྷ་ཁང་། བྱི་བའི་ལོ་ལ་བཞེངས་ཡོད། ཤོག་་་་་ཤོག བསམ་ཡས་བྱེ་མའི་ལྷ་ཁང་། གང་གི་ལོ་ལ་བཞེངས་ཡོད། བསམ་ཡས་བྱེ་མའི་ལྷ་ཁང་། བྱི་བའི་ལོ་ལ་བཞེངས་ཡོད། བསམ་ཡས་བྱེ་མའི་ལྷ་ཁང་། བྱི་བའི་ལོ་ལ་བཞེངས་ཡོད། ཤོག་་་་་ཤོག བསམ་ཡས་བྲོ་ཕུད་དང་པོ། སྟེང་ཕྱོགས་ལྷ་ལ་ཕུལ་ཡོད། ལྷ་རྒྱལ་དབང་པོ་བརྒྱ་བྱིན། བྲོ་ཕུད་གཟིགས་པར་ཕེབས་དང་། ལྷ་རྒྱལ་དབང་པོ་བརྒྱ་བྱིན། བྲོ་ཕུད་གཟིགས་པར་ཕེབས་དང་། བསམ་ཡས་བྲོ་ཕུད་གཉིས་པ། བར་ཕྱོགས་བཙན་ལ་ཕུལ་ཡོད། བཙན་རྒོད་གཡུ་དམར་རྒྱལ་ཆེན། བྲོ་ཕུད་གཟིགས་པར་ཕེབས་དང་། བཙན་རྒོད་གཡུ་དམར་རྒྱལ་ཆེན། བྲོ་ཕུད་གཟིགས་པར་ཕེབས་དང་། གཞས་ཚིག་སྒྲིག་མཁན། འཕྱོངས་རྒྱས་བསོད་དབང་། བསམ་ཡས་བྲོ་ཕུད་གསུམ་པ། འོག་ཕྱོགས་ཀླུ་ལ་ཕུལ་ཡོད། ཀླུ་རྒྱལ་གཙུག་སྣ་རིན་ཆེན། བྲོ་ཕུད་གཟིགས་པར་ཕེབས་དང་། ཀླུ་རྒྱལ་གཙུག་སྣ་རིན་ཆེན། བྲོ་ཕུད་གཟིགས་པར་ཕེབས་དང་། ཀླུ་རྒྱལ་གཙུག་སྣ་རིན་ཆེན། བྲོ་ཕུད་གཟིགས་པར་ཕེབས་དང་།