骨肉之情 གཞས་ཚིག མཁས་གྲུབ། གདངས། པདྨ་ཚེ་རིང་། གཞས་གཏོང་མཁན། པདྨ་ལྷ་མོ། ཆུང་དུས་ཨ་མའི་པང་ཁ། གླིང་ཁ་ལས་ཀྱང་སྐྱིད་པ། བཅུད་ལྡན་ཨ་མའི་འོ་མ། བདུད་རྩི་ལས་ཀྱང་ཞིམ་པ། བར་དུ་ཕ་མའི་བསླབ་བྱ། རོལ་དབྱངས་ལས་ཀྱང་སྙན་པ། འོ། བཟའ་སྟངས་སྡོད་སྟངས་འགྲོ་སྟངས། མ་ཎི་འགྲེན་འགྲེན་བསླབ་བྱུང་། འོ། ད་ཆ་ཕ་མའི་དབུ་སྐྲ། གངས་རི་ལས་ཀྱང་དཀར་བ། ཤ་དང་རུས་པའི་བྱམས་སེམས། ཉི་འོད་ལས་ཀྱང་དྲོ་བ། འོ། ད་ཆ་ཕ་མའི་དབུ་སྐྲ། གངས་རི་ལས་ཀྱང་དཀར་བ། ཤ་དང་རུས་པའི་བྱམས་སེམས། ཉི་འོད་ལས་ཀྱང་དྲོ་བ། གཞས་ཚིག་སྒྲིག་མཁན། འཕྱོངས་རྒྱས་བསོད་དབང་། ཆུང་དུས་ཨ་མའི་པང་ཁ། གླིང་ཁ་ལས་ཀྱང་སྐྱིད་པ། བཅུད་ལྡན་ཨ་མའི་འོ་མ། བདུད་རྩི་ལས་ཀྱང་ཞིམ་པ། བར་དུ་ཕ་མའི་བསླབ་བྱ། རོལ་དབྱངས་ལས་ཀྱང་སྙན་པ། འོ། བཟའ་སྟངས་སྡོད་སྟངས་འགྲོ་སྟངས། མ་ཎི་འགྲེན་འགྲེན་བསླབ་བྱུང་། འོ། ད་ཆ་ཕ་མའི་དབུ་སྐྲ། གངས་རི་ལས་ཀྱང་དཀར་བ། ཤ་དང་རུས་པའི་བྱམས་སེམས། ཉི་འོད་ལས་ཀྱང་དྲོ་བ། འོ། ད་ཆ་ཕ་མའི་དབུ་སྐྲ། གངས་རི་ལས་ཀྱང་དཀར་བ། བཀའ་དྲིན་ཅན་གྱི་ཡབ་ཡུམ། འོ། སྐུ་ཚེ་རིང་བའི་སྨོན་ལམ། བཀའ་དྲིན་ཅན་གྱི་ཡབ་ཡུམ། འོ། སྐུ་ཚེ་རིང་བའི་སྨོན་ལམ། བཀའ་དྲིན་ཅན་གྱི་ཡབ་ཡུམ། འོ། སྐུ་ཚེ་རིང་བའི་སྨོན་ལམ།