首 饰 作词 : 佶 懂 作曲 : 贡觉次扎 རྒྱན་ཆ། ཚིག གོ་ཐེ་གེ ས་སྲུང་ཁྱིམ་སྐྱོང་ལུས་ཀྱི་རྒྱན་ཆ་ཡིན། ། གཏམ་མཁས་ཚིག་བཙུན་ངག་གི་རྒྱན་ཆ་ཡིན། ། དྲང་བདེན་ཁོག་ཡངས་སེམས་ཀྱི་རྒྱན་ཆ་ཡིན། ། རྒྱན་འདི་ནམ་ཡང་མ་བརྗེད་སྟག་ཤར་ཚོ། ། ལག་ཡངས་ལས་བརྩོན་ལུས་ཀྱི་རྒྱན་ཆ་ཡིན། ། ཁ་ཡག་ཚིག་འཇམ་ངག་གི་རྒྱན་ཆ་ཡིན། ། གཡོ་མེད་ལྷག་བསམ་སེམས་ཀྱི་རྒྱན་ཆ་ཡིན། ། རྒྱན་འདི་ནམ་ཡང་མ་བརྗེད་སྨན་ཤར་ཚོ། ། དལ་འཇམ་སྤྱོད་པ་ལུས་ཀྱི་རྒྱན་ཆ་ཡིན། ། དབྱངས་དང་གསལ་བྱེད་ངག་གི་རྒྱན་ཆ་ཡིན། ། བྱས་པ་དྲིན་གཟོ་སེམས་ཀྱི་རྒྱན་ཆ་ཡིན། ། རྒྱན་འདི་ནམ་ཡང་མ་བརྗེད་བྱིས་པ་ཚོ། །首 饰词  佶 懂演唱  次扎守土治家身体首饰。言承认佶尼语言首饰。公正包容心的首饰。装饰这永远不忘少年们 爱岗敬业身体首饰。巧言语言首饰。坚定真诚的心的首饰。装饰这永远不忘们 慢婉用身体首饰。音和字母语言首饰。的报恩感到首饰。装饰这永远不忘了孩子们