རེ་འབོདCome Back 作词 : དགའ་ཅོ་རྟ། 作曲 : Remix ཚིག་དགའ་ཅོ་རྟ། གཅེས་ཕྲུག་ཚོ། གཅེས་ཕྲུག་ཚོ། གཅེས་ཕྲུག་ཚོ། གཅེས་ཕྲུག་ཚོ། v1 གྲོང་ཁྱེར་དང་ཁ་ཐག་རིང་བོ་རིང་བོ་ཞིག་ཏུ། ནོར་ལུག་དང་སྒོ་ཁྱིར་འགྲོགས་ཤིང་འདྲིས་ལ། ལྕི་བ་དང་རིལ་མ་མེ་རུ་བུས་མྱོང་། འོ་ཇ་དང་སྐམ་ཤ་རྒྱུན་པར་ཟས། རྟ་བོ་ཞོན་ལ་ལྷ་བསང་གསོལ། རླུང་རྟ་སྤུར་ལ་དཔུང་བསྟོད་བྱེད། རུ་འགལ་སྐྱེལ་གསུམ། དབྱར་མཚེར་དགུན་མཚེར། གཅེས་ཕྲུག་ཚོ། ཁྱོད་རང་གྲོང་ཁྱེར་དུ་ཡོང་བ་ནས། ལུ་གུ། བེའུ་ཆུང་ཟེར་བའི་རྩེད་འགྲོགས་དེ་དག་བརྗེེད་འེ་སོང་། འོ་ཟོ། མར་ལོ་ཟེར་བའི་ཟས་བཅུད་དེ་དག་དྲན་འེ་ཡོང་། འབྲོག་ཐང་ན་ཨ་མས་འཐག་པའི་ཕྱིང་དཀར་སྣམ་བུ་ཡོད་ལ། འབྲོག་ཐང་ན་ཨ་ཕས་བཟོས་པའི་རྟ་སྲབ་སྒ་གསུམ་ཡོད། ནམ་ཞིག ཁྱེད་རང་གྲོང་ཁྱེར་གྱི་སློབ་གྲྭ་འདི་ནས་མཐར་ཕྱིན་ན། ཕ་ཡུལ་གངས་ཅན་ལུང་བའི་ཡུལ་ལ་སྐོར་ཞིག་མ་བརྗེད་ཅིག གཅེས་ཕྲུག་ཚོ། གཅེས་ཕྲུག་ཚོ། གཅེས་ཕྲུག་ཚོ། གཅེས་ཕྲུག་ཚོ། v2 གྲོང་ཁྱེར་དང་ཁ་ཐག་རིང་བོ་རིང་བོ་ཞིག་ཏུ། ཞིང་ཚིགས་དང་ཡུར་བར་མཆོངས་ལྡིང་བྱས་ལ། སོག་མ་དང་ཡུག་རྩྭ་སྐ་རགས་བཅིངས་མྱོང་། ཐང་བཤོལ་དང་རྨོན་ཕྱུགས་འགྲོགས་མྱོང་ཡོད། ཡུར་མ་ཡུར་ལ་ཆུ་རྐ་དྲངས། ཆོས་འཁོར་འགྲོ་ལ་ལོ་སྟོན་བྱེད། དཔྱིད་འདེབས་སྟོན་འབྲེག རི་མ་ཆུ་མ། གཅེས་ཕྲུག་ཚོ། ཁྱོད་རང་གྲོང་ཁྱེར་དུ་ཡོང་བ་ནས། བཤོལ་མདའ། བཤོལ་ལྕགས་ཟེར་བའི་ལག་ཆ་དེ་དག་དྲན་ཨེ་ཡོང་། སྲན་ཆུང་། རྩམ་སྐྱ་འབོད་པའི་ཟས་བཅུད་དེ་དག་བརྗེད་ཨེ་སོང་། ཕ་ཡུལ་ན་ཨ་མས་བསྙལ་བའི་ལོ་ཆང་ཁམས་པ་ཡོད། ཕ་ཡུལ་ན་ཨ་ཕས་འཐག་པའི་སྦྲང་དཀར་རྩམ་པ་ཡོད། ནམ་ཞིག ཁྱེད་རང་གྲོང་ཁྱེར་གྱི་སློབ་གྲྭ་འདི་ནས་མཐར་ཕྱིན་ན། ཕ་ཡུལ་གངས་ཅན་ལུང་བའི་ཡུལ་ལ་སྐོར་ཞིག་མ་བརྗེད་ཅིག ཕ་ཡུལ་ན་ཨ་མས་བསྙལ་བའི་ལོ་ཆང་ཁམས་པ་ཡོད། ཕ་ཡུལ་ན་ཨ་ཕས་འཐག་པའི་སྦྲང་དཀར་རྩམ་པ་ཡོད། གཅེས་ཕྲུག་ཚོ། གཅེས་ཕྲུག་ཚོ། གཅེས་ཕྲུག་ཚོ། གཅེས་ཕྲུག་ཚོ།།