ཨ་མ་ལགས་ལ་ཕུལ་བའི་གཞས། (送给母亲的歌) 作词 : ZAMCHU 作曲 : mixtape ཨ་མ་ལགས་ལ་ཕུལ་བའི་གཞས། Verse1: བོད་སྐད་ཀྱི་གཞས་གཅིག་བྲིས། གཞས་མ་གཏམ་གྱི་གཞས་ཅིག་བྲིས། ཨ་མ་ལགས་ལ་གཞས་གཅིག་བྲིས། འཛམ་གླིང་འདི་ཐོག་གི་རླབས་ཆེ་ཤོས་ཀྱི་བུད་མེད་ཁྱེད་ལ། སེམས་ཁོངས་ཀྱི་བཀའ་དྲིན་མཚོན་པའི་ང་ར་རང་གི་གཞས་གཅིག་བྲིས། མེ་ཚེ་འདི་ལ་དགའ་ཤོས་མི་དེ། ཨ་མ་ཁྱེད་རང་ཡིན་ནོ། ཚེ་འདིར་མི་ལུས་འཐོབ་པ་དེ། ཨ་མ་ཁྱེད་ཀྱི་དཀའ་དྲིན་ཡིན། མེ་ཚེ་འདི་ལ་ཡིད་དབང་འཕྲོག་ཤོས། ཨ་མ་ཁྱེད་ཀྱི་འཛུམ་མདངས་ཡིན། ཚེ་འདིའི་མུན་སེལ་སྒྲོན་མེ་དང་པོ། བརྩེ་བའི་ཨ་མ་ཁྱེད་ཡིན། ངའི་བརྩེ་བའི་ཨ་མ་ལགས། བྱམས་བརྩེ་ལྡན་པའི་ཨ་མ་ལགས། དཀའ་ངལ་ཡོད་ཚད་ཁྱད་སད་ཐུབ་མཁན་གྱི་དཔའ་མོ་ཁྱེད་རང་རྒས་ཤག སྙན་འཇེབས་ལྡན་པའི་ཁྱེད་ཀྱི་གསུང་དེ། ད་ལྟ་དབ་དིབ་ཆ་བཞག བྱམས་བརྩེ་ལྡན་པའི་ཁྱེད་ཀྱི་ཞལ་རས། གཉེར་མའི་ཆུ་རིས་ཀྱི་ཁེངས་བཞག ཡིན་ནའི་བུ་ཕྲུག་ལ་བཅངས་པའི་བརྩེ་བ་ད་ལྟ་བར་དུ་དོར་མ་མྱོང་། ཡིན་ནའི་བུ་ཕྲུག་ལ་བཅངས་པའི་བརྩེ་བ་ད་ལྟ་བར་དུ་ཆད་མ་མྱོང་། ཡིན་ནའི་བུ་ཕྲུག་ལ་བཅངས་པའི་བརྩེ་བ་ད་ལ་བར་དུ་བརླག་མ་མྱོང་། ནམ་ཡང་སེམས་ནས་ཡལ་མ་མྱོང་།རུས་པའི་གཏིང་ནས་བརྗེད་མ་མྱོང་། Hook: ངས་ག་དུས་ཡིན་ནའང་། ཁྱེད་རང་སེམས་ནས་དྲན་ཡོད། ངས་ག་དུས་ཡིན་ནའང་། ཁྱེད་རང་སེམས་ལ་ཉར་ཡོད། ངས་ནམ་ཞིག་བརྗེད་མི་སྲིད་པ། དྲིན་ཅན་ཁྱེད་ཀྱི་རེ་བ་ཡིན། ངས་ནམ་ཞིག་དོར་མི་རུང་བ། དྲིན་ཅན་ཁྱེད་ཀྱི་བསླབ་བྱ་ཡིན། དྲང་བདེན་ལས་འབྲས་བརྩི་སྲུང་གི་མི་བཟང་ཞིག་བྱེད་ངེས་ཡིན། དཀའ་ངལ་ཐོག་ལ་ཞེད་སྣང་མེད་པའི་ཕོ་ཁྱོ་ག་ཞིག་བྱེད་ངེས་ཡིན། བྱམས་དང་སྙིང་རྗེའི་སྲོལ་བཟང་འཛིན་བྱས་བུ་བཟང་ཞིག་བྱེད་ངེས་ཡིན། ཕ་ཡུལ་སེམས་ནས་དྲན་ངེས་ཡིན་ལ་སྤུན་མཆེད་སེམས་ནང་ཉར་ངེས་ཡིན། Verse2: དེ་སྔོན་སྐྱོ་པོའི་འཚོ་བ་དེ་ཚོ། སེམས་ནང་ལ་ཡང་ཡང་འཁོར་གྱིས། ད་ལྟ་ཡོད་པའི་བདེ་སྐྱིད་ཀྱི་འཚོ་བ། ཁྱེད་ཀྱི་བཀའ་དྲིན་ཡིན་བསམ་གྱིས། ལོ་ཟླའི་འཁོར་ལོ་བར་མེད་འཁོར་ཡང་། བཀའ་དྲིན་མ་བརྗེད་སེམས་ནང་ལ་ཡོད། གྱང་ཐག་ལེ་བར་སྟོང་གི་ཆོདཀྱང་། དྲན་སེམས་ཀྱི་རླུང་བུ་མཚམས་ཅོག་མེད། ངའི་བརྩེ་བའི་ཨ་མ་ལགས། སེམས་ཁོངས་ཀྱི་ཨ་མ་ལགས། ད་ལམ་མ་མཇལ་ལོ་ཟླའི་རིང་ལ་སྐུ་གཟུགས་ཐུགས་བཅག་གནང་ལགས། སྐྱབས་མགོན་ལས་ལྷག་ཁྱེད་ཀྱི་བྱམས་སྐྱོང་། མཐའ་ཡས་རྒྱ་མཚོ་ལས་ཟབ་པའི་བརྩེ་བ། རི་རབ་ལས་ཀྱང་མཐོ་བའི་བཀའ་དྲིན། མ་བརྗེད་བུ་ཆུང་ངས་གསོལ་ཆོག ༼ཁ་ཆེ་ཕ་ལུའི་ལེགས་བཤད་ལས་བསྡུས།༽ Verse3: མི་ཡུལ་འདི་ཡི་ཉི་མ་སེར་པོ། བརྩེ་བའི་ཨ་མ་ཁྱེད་ཡིན། ཚ་གདུང་སེལ་མཁན་གྱི་ཟླ་བ་དཀར་པོ། བརྩེ་བའི་ཨ་མ་ཁྱེད་ཡིན། བྱམས་དང་བརྩེ་བའི་སེམས་ཀྱི་མ་མ། རྗེ་བཙུན་སྒྲོན་མ་ཁྱེད་ཡིན། སྐྱེ་བོ་མང་པོས་ཁྱེད་ལ་བསྔགས་བཞིན། བསྟོད་པའི་གླུ་དབྱངས་ལེན་བཞིན་ཡོད། འཇིག་རྟེན་ས་ཡི་གོ་ལའི་སྟེང་ལ ་སྐྱེད་མ་ལས་ལྷག་སུ་ཞིག་ཡོད། འགྲོ་བ་མི་ཡི་ཞིང་ཁམས་འདིའི་ནང་ལ། ཨ་མའི་བརྩེ་བར་འགྲན་ཟླ་མེད། ལས་འབྲས་བསམ་མཁན་དེང་དུས་ཀྱི་གཞོན་ནུ། ཨ་མའི་བརྩེ་བ་སེམས་ནང་ལ་འཇོག བདེ་སྡུག་གི་འཚོ་བ་གང་ཞིག་ཡོང་ཀྱང་། ཨ་མའི་དཀའ་དྲིན་སེམས་ནང་ལ་བཟུང་། སེམས་སྟེང་གི་ཨ་མ་ལགས་ཁྱེད་རང་ཐུགས་བདེ་བར་མཛོད་དང་། ཁོ་བོས་སྦྲང་དཀར་རྩམ་པའི་རྩམ་དྲི་ད་ལྟའི་བར་དུ་བརྗེད་མ་མྱོང་། བོད་ཇ་སྲུབ་མོའི་རོ་བཅུད་དེ་འང་དེ་བས་སེམས་ནས་བརྗེད་མི་སྲིད། གྱང་རིང་བའི་ཕུགས་བསམ་དེ་འང་ད་དུང་སེམས་ལ་བཟུང་ནས་ཡོད། སེམས་ཤུགས། ཡིད་ཆེས། སྡུག་རུས། འགན་འཁྲི་དཔུང་པའི་སྒང་དེར་འཁྱེར་ནས་ཡོད། འཕྱ་སྨོད། ཟུར་ཟ། དཀའ་ངལ། མིག་ཆུ་མེ་ཚེའི་སྟོབས་ཤུགས་ལ་རྩིས་ནས་ཡོད། ང་མཚམས་མཚམས་གཅིག་པུར་ལུས་ནས་ཡོད། སྐབས་རེ་གཞས་རང་བྲིས་ནས་ཡོད། ངས་ཁྱེད་རང་གཞས་ནང་བྲིས་ནས་ཡོད། གཞས་ནང་ཡང་ཡང་བྲིས་ནས་ཡོད། Hook: ངས་ག་དུས་ཡིན་ནའང་། ཁྱེད་རང་སེམས་ནས་དྲན་ཡོད། ངས་ག་དུས་ཡིན་ནའང་། ཁྱེད་རང་སེམས་ལ་ཉར་ཡོད། ངས་ནམ་ཞིག་བརྗེད་མི་སྲིད་པ། དྲིན་ཅན་ཁྱེད་ཀྱི་རེ་བ་ཡིན། ངས་ནམ་ཞིག་དོར་མི་རུང་བ། དྲིན་ཅན་ཁྱེད་ཀྱི་བསླབ་བྱ་ཡིན། དྲང་བདེན་ལས་འབྲས་བརྩི་སྲུང་གི་མི་བཟང་ཞིག་བྱེད་ངེས་ཡིན། དཀའ་ངལ་ཐོག་ལ་ཞེད་སྣང་མེད་པའི་ཕོ་ཁྱོ་ག་ཞིག་བྱེད་ངེས་ཡིན། བྱམས་དང་སྙིང་རྗེའི་སྲོལ་བཟང་འཛིན་བྱས་བུ་བཟང་ཞིག་བྱེད་ངེས་ཡིན། ཕ་ཡུལ་སེམས་ནས་དྲན་ངེས་ཡིན་ལ་སྤུན་མཆེད་སེམས་ནང་ལ་ཉར་ངེས་ཡིན།