感恩 作词 : 罗布桑珠 作曲 : 罗布桑珠 ༺ བཀའ་དྲིན་དྲན་གླུ། ༻ ཚིག་གདངས་གཞས་པ། ནོར་བུ་བསམ་གྲུབ། དེ་རིང་གཞས་གཅིག་བཏང་། ཁྱེད་ཚོ་རྣམས་ཀྱི་ཕྱོགས་སུ་འབུལ། ད་བར་བུ་ངས་བསམ་པའི་རེ་བ་ཡོངས་སུ་གྲུབ་སོང་། ཕ་མ་བཟང་པོ་ལགས། ང་ཡི་སྙིང་ནས་ཐུགས་ཆེ་ཞུ། ཁྱེད་གཉིས་ཀྱི་བྱམས་སྐྱོང་འོག་ལ། བདེ་སྐྱིད་ངང་ནས་འཚར་ལོངས་བྱུང་། ཉིན་མོ་བཟང་པོ་འདིར། ང་ཡིས་སྐྱིད་པའི་གླུ་ཞིག་ལེན། ང་ཡི་བརྩེ་བའི་ཕ་མ་སྐུ་ཚེ་རིང་བར་ཤོག ཉིན་མོ་བཟང་པོ་འདིར། ང་ཡིས་སྐྱིད་པའི་བྲོ་ཞིག་འཁྲབ། ང་ཡི་ཕ་མ་ནམ་ཡང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ། བུ་ངའི་སེམས་པའི་གཏིང་གི་ཐུགས་རྗེ་ལེགས་འབུལ་རྣམས། དེ་རིང་ང་ཡི་གླུ་གཞས་ཐོག་ནས་ཁྱེད་ཚོའི་ཕྱོགས་སུ་བཏང་། གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་། དེ་རིང་གཞས་གཅིག་བཏང་། ཁྱེད་ཚོ་རྣམས་ཀྱི་ཕྱོགས་སུ་འབུལ། ད་བར་བུ་ངས་བསམ་པའི་རེ་བ་ཡོངས་སུ་གྲུབ་སོང་། སྤུན་མཆེད་བཟང་པོ་ལགས། ད་དུང་ང་ཡི་གྲོགས་པོ་ལགས། ཁྱེད་རྣམས་པའི་ཕྱག་རོགས་འོག་ལ། བུ་ངས་ཆེད་སྒྲིག་དང་པོ་བཏོན། ཉིན་མོ་བཟང་པོ་འདིར། ང་ཡིས་སྐྱིད་པའི་གླུ་ཞིག་ལེན། ང་ཡི་བརྩེ་བའི་སྤུན་མཆེད་རྣམས་པ་བཀྲ་ཤིས་ཤོག ཉིན་མོ་བཟང་པོ་འདིར། ང་ཡིས་སྐྱིད་པའི་བྲོ་ཞིག་འཁྲབ། ང་ཡི་གྲོགས་པོ་ལྷན་རྒྱས་སྐུ་གཟུགས་གསལ་ཐང་ཡོང་བར་ཤོག ད་དུང་མཇལ་མ་མྱོང་བའི་ས་ཕྱོགས་གང་སའི། གྲོགས་པོ་གྲོགས་མོ་ཚོ། ཁྱེད་རྣམས་པས་རྒྱབ་སྐྱོར་གནང་བ་དེ་དག བུ་ངས་སེམས་ལ་ནམ་ཡང་ངེས་ཡོད། ལ་་་་་ལ་་་་་་་ལ་་་་་་་། དེ་རིང་གཞས་གཅིག་བཏང་། ཁྱེད་ཚོ་རྣམས་ཀྱི་ཕྱོགས་སུ་འབུལ། ད་བར་བུ་ངས་བསམ་པའི་རེ་བ་ཡོངས་སུ་གྲུབ་སོང་། མཐའ་མའི་རེ་བ་ལ། གཞོན་ནུ་རྣམས་ཀྱིས་གསན་རོགས་གནང་། ཁྱེད་ལ་ཕུགས་བསམ་ལྡན་ན། དེ་ལ་འབད་བརྩོན་གནང་རོགས་གནང་། ཉིན་མོ་བཟང་པོ་འདིར། ང་ཚོས་སྐྱིད་པའི་གླུ་ཞིག་ལེན། བསམ་དོན་ལྷུན་གྱིས་འགྲུབ་པར་བཀྲ་ཤིས་ཡོང་བ་ཤོག ཉིན་མོ་བཟང་པོ་འདིར། ང་ཚོས་སྐྱིད་པའི་བྲོ་ཞིག་འཁྲབ། ང་ཡི་གླུ་དེ་གསན་ནས། ཚང་མས་ཕྱག་ཡར་བཀྱག་རོགས་གནང་། ཨོའོ་་་་ཨོའོ་་་་་ ལ་་་་་ལ་་་་་་་ལ་་་་་་་། ཁྱེད་རྣམས་པར་ཐུགས་ཆེ་གནང་ཞུ།